关于严禁在全县范围内乱扔乱倒垃圾的通告
为净化、美化县域环境,提高居民生活和工作环境质量,针对我县辖区草滩、黑刺林、河道、公路沿线等垃圾乱扔及随意堆放等现象频发的实际情况,根据《城市生活垃圾管理办法》《城市市容和环境卫生管理条例》等法律、法规和规章的有关规定,自2021年8月1日起,对全县范围内的乱扔垃圾等违法行为予以从重处罚。现将有关事项通告如下:
一、对个人(含个体工商户)乱扔(倒)垃圾的违法行为,除责令改正外,按下列规定予以处罚:
(一)乱扔果皮、纸屑、烟蒂、饮料罐、饭盒、塑料袋、啤酒瓶、废电池等废弃物的,处以200元以下的罚款,党员及公职人员从重处罚。
(二)乱倒污水、粪便,乱扔动物尸体,或在露天场所和垃圾收集容器内焚烧树叶、垃圾及其他废弃物的,处以200元以下罚款;对拒不改正或者造成较大以上危害后果等严重情节的,处以200元以上300元以下罚款。
(三)居民装修房屋产生的垃圾,应当按照规定及时投放到指定地点,不得与生活垃圾混倒,违反规定的处以200元以下罚款。
(四)车辆运载建筑渣土、建筑材料、矿渣、煤炭、液体、散装货物时因密封、包扎、覆盖不严密导致泄露、遗撒的,处以每平方米50元以下罚款。
(五)餐饮经营服务者未按照县市政管理(综合执法)部门规定的地点和方式倾倒生活垃圾、单独收集和处理餐厨垃圾的,处以200元以下罚款。
二、对单位乱倒垃圾的违法行为,除责令改正外,按以下规定予以处罚:
(一)随意倾倒、抛撒或者堆放建筑垃圾、生活垃圾的,处以5000元以上5万元以下的罚款。
(二)处置建筑垃圾的单位在运输建筑垃圾过程中沿途丢弃、遗撒的,由县综合执法部门责令限期改正,并处5000元以上5万元以下罚款。从事城市生活垃圾经营性清扫、收集、运输的企业在运输过程中沿途丢弃、遗撒生活垃圾的,由县综合执法部门责令限期改正,处以5000元以上5万元以下的罚款
(三)擅自设立弃置场所收纳建筑垃圾的,处5000元以上1万元以下罚款。
(四)施工单位未及时清运工程施工过程中产生的建筑垃圾,造成环境污染的,由县综合执法部门责令限期改正,并处5000元以上5万元以下罚款。
三、各乡镇生态管护员、低保享受人员等公益性岗位人员要充分发挥环境卫生监管职能,积极履职,加大巡查力度及频次,发现随意丢弃、堆放垃圾的个人和单位要及时制止并督促清理,对拒不改正的移交县综合行政执法人员依法处理。
四、各乡镇、村(社区)要及时修订、制定乡(村)规民约,约束广大群众乱丢乱扔垃圾行为,利用村务公开栏、村民大会、村级微信群等渠道广泛宣传垃圾分类等环保知识。县直各单位要加大对本单位干部职工的宣传教育,引导干部群众人人参与环保、爱护环境。
五、县综合行政执法人员在查处乱扔垃圾等违法行为时,可以依法采取暂扣与违法行为有关的车辆、工具、物品等强制措施。
六、公安、市场监管、卫健、生态环境、自然资源、交通运输、水务等部门应当在各自的职责范围内,协助县综合行政执法机构查处乱扔垃圾等违法行为。当事人在执法人员规定的期限内未改正违法行为的,由有关部门依法实施代整改,代整改费用由当事人承担。
七、当事人不按规定期限缴纳罚款的,逾期每日按罚款数额的百分之三加处罚款,并由作出罚款决定的县综合行政执法机构依法申请县人民法院强制执行。
八、任何单位和个人不得阻碍县综合行政执法人员依法采取强制措施或其他执行公务的行为。有阻碍执法人员依法执行公务行为的,由公安机关给予治安处罚;以暴力、威胁等方法阻碍执法人员依法执行公务并构成犯罪的,依法追究其刑事责任。
九、执法人员要严格执法、文明执法、公正执法,坚持以理服人。对打骂行政相对人的执法人员依法给予行政处分,情节严重构成犯罪的,依法追究其刑事责任。
十、广大干部群众要积极检举乱扔、乱堆垃圾的行为。举报热线0976-12369。
囊谦县人民政府
2021年7月30日
རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གད་སྙིགས་གང་བྱུང་དུ་གཡུག་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།
རྫོང་ཁོངས་ཀྱི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ཅིང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་ལས་ཀའི་ཁོར་ཡུག་སྔར་ལས་སྤུས་ཚད་ཇེ་ལེགས་སུ་གཏོང་བར། རང་རེའི་རྫོང་ཁོངས་ཀྱི་རྩྭ་ཐང་དང་། ཚེར་ནག། ནགས་ཚལ། ཆུ་ལམ། གཞུང་ལམ་རྒྱུད་སོགས་ཀྱི་གད་སྙིགས་གང་བྱུང་དུ་འཕེན་པ་དང་། རང་སྣང་གང་ཤར་གྱིས་སྤུངས་འཇོག་བྱེད་པ་སོགས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས། 《གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་བྱ་ཐབས》དང《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། 2021ལོའི་ཟླ་8ཚེས་1ཉིན་ནས་བཟུང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གད་སྙིགས་གང་བྱུང་དུ་གཡུག་པ་དང་འདོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པས། གཤམ་དུ་འབྲེལ་ཡོད་ཀྱི་དོན་ཚན་འགའ་བརྡ་ཁྱབ་གཏོང་བ་ཡིན།
གཅིག མི་སྒེར་(སྒེར་གཉེར་བཟོ་ཚོང་ཁག་)གིས་གད་སྙིགས་གང་བྱུང་དུ་གཡུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཡོ་བསྲང་བྱེད་དུ་འཇུག་པ་མ་ཟད། གཤམ་གསལ་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་ཡིན།
(གཅིག) ཤིང་ཏོག་གི་པགས་པ་དང་། ཤོག་སྙིགས། དུ་སྡུམ། བཟའ་བཏུང་འདྲ་མིན་གྱི་ཤུབ་སྣོད། འགྱིག་ཁུག ཨ་རག་གི་ཤེར་དམ། ཕན་མེད་གློག་རྫས། སོགས་གད་སྙིགས་གང་བྱུང་དུ་གཡུག་པའི་རིགས་ལ་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཏང་ཡོན་དང་གཞུང་ཞབས་པར་དེ་ལས་ཚབ་ཆེ་བའི་ཉེས་ཆད་གཅོད་རྒྱུ་ཡིན།
(གཉིས།)བཙོག་ཆུ་དང་གཅིན་སྐྱག་གང་བྱུང་དུ་འདོར་བ་དང་། སྲོག་ཆགས་ཀྱི་རོ་གང་བྱུང་དུ་གཡུག་པའམ། ཡང་ན་མཐོངས་ཡངས་དང་གད་སྙིགས་བསྡུ་རུབ་བྱེད་སའི་སྣོད་ཆས་ཏུ་ལོ་མ་དང་། གད་སྙིགས། དེ་བཞིན་བེད་མེད་དངོས་པོ་གཞན་དག་མེར་སྲེག་བཏང་བའི་རིགས་ལ་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ། ཡོ་བསྲང་མ་བྱས་པའམ་ཡང་ན་གནོད་སྐྱོན་གྱི་ངན་འབྲས་ཆེ་ཙམ་བཟོས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་པར་སྒོར་200ཡན་ནས་སྒོར་300མན་གྱི་དངུལ་ཆད་གཅོད་ཡིན།
(གསུམ།)གྲོང་མིའི་སྡོད་ཁང་མཛེས་སྤྲོས་བྱས་པ་ལས་བྱུང་བའི་གད་སྙིགས་རྣམས་གཏན་འབེབས་གཞིར་བཟུང་གི་དམིགས་འཛུགས་བྱས་པའི་ས་ཆར་དུས་ཐོག་ཏུ་འཇོག་དགོས་པ་ལས་འཚོ་བའི་གད་སྙིགས་དང་བསྲེས་ནས་བླུགས་མི་ཆོག་གཏན་འབེབས་ལས་འགལ་བའི་རིགས་ལ་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
(བཞི། )འཁོར་རིགས་ཀྱིས་ཨར་ལས་ཀྱི་ས་སྙིགས་དང་། ཨར་ལས་རྒྱུ་ཆ། གཏེར་སྙིགས། རྡོ་སོལ། གཤེར་གཟུགས། སིལ་མར་བཞག་པའི་དངོས་ཟོག་བཅས་སྐྱེལ་འདྲེན་བྱེད་སྐབས་ཁ་དམ་པོར་འགེབ་གསུབ་མ་བྱས་པའི་དབང་གིས་གཞུང་ལམ་སོགས་སུ་གད་སྙིག་གཏོར་ཡོང་ན་སྨི་གྲུ་བཞི་མ་རེར་སྒོར་50མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
(ལྔ།)བཟའ་བཏུང་གཉེར་སྐྱོང་ཞབས་ཞུ་བྱེད་མཁན་དག་གིས་རྫོང་གྲོང་དོ་དམ་(ཕྱོགས་བསྡུས་ཁྲིམས་འཛིན)སྡེ་ཁག་གིས་གཏན་འབེབས་བྱས་པའི་ས་གནས་དང་བྱེད་སྟངས་གཞིར་བཟུང་ནས་འཚོ་བའི་གད་སྙིགས་མི་འདོར་བར། རང་འདོད་གང་ཤར་གྱིས་ཟ་ཁང་གི་གད་སྙིགས་གང་སར་འདོར་བའི་རིགས་ལ་སྒོར་200མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
གཉིས། ལས་ཁུངས་ཀྱིས་གད་སྙིགས་གང་བྱུང་དུ་གཡུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཡོ་བསྲང་བྱེད་དུ་འཇུག་པ་མ་ཟད། གཤམ་གསལ་གཏན་འབེབས་ལྟར་ཆད་པ་གཅོད་བྱེད་རྒྱུ་ཡིན།
(གཅིག)ཨར་ལས་ཀྱི་གད་སྙིགས་དང་འཚོ་བའི་གད་སྙིགས་རང་དགར་བསྐྱུར་བ་དང་གཏོར་བའམ་ཡང་ན་སྤུངས་བའི་རིགས་ལ་སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
(གཉིས།)ཨར་སྐྲུན་གྱི་གད་སྙིགས་གཙང་སེལ་བཟོ་མཁན་དག་གིས་ཨར་སྐྲུན་གྱི་གད་སྙིགས་དབོར་འདྲེན་བྱེད་པའི་བརྒྱུད་རིམ་ནང་ལམ་བར་དུ་བསྐྱུར་བའམ་འདོར་བའི་རིགས་ལ། རྫོང་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། བསྡུ་རུབ། སྐྱེལ་འདྲེན་བཅས་བྱེད་མཁན་གྱི་ཁེ་ལས་ཀྱིས་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ནང་འཚོ་བའི་གད་སྙིགས་ལམ་བར་དུ་བསྐྱུར་བ་དང་། གཏོར་བའི་རིགས་ལ་རྫོང་གི་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་བཅུག་རྒྱུ་དང་། སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
(གསུམ།)རང་དགར་བཞག་པའི་ཨར་ལས་གད་སྙིགས་བསྡུ་ཉར་བྱས་པའི་རིགས་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
(བཞི། )ཨར་ལས་སྡེ་ཁག་གིས་ཨར་སྐྲུན་བརྒྱུད་རིམ་ནང་གད་སྙིགས་དུས་ཐོག་ཏུ་གཙང་མར་དབོར་འདྲེན་མ་བྱས་པར་ཁོར་ཡུག་ལ་བཙོག་སྐྱོན་བཟོས་ཡོང་བའི་རིགས་ལ་རྫོང་ཕྱོགས་བསྡུས་ཁྲིམས་སྒྱུར་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་བཅུག་པ་མ་ཟད། སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན།
གསུམ། ཤང་དང་གྲོང་རྡལ་ཁག་གི་རྩ་སྲུང་ནགས་སྲུང་དང་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱེད་མཁན་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣས། ཁོར་ཡུག་འཕྲོད་བསྟེན་གྱི་ལྟ་སྐུལ་དོ་དམ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། སྐོར་ཞིབ་བྱེད་ཤུགས་དང་ཐེངས་གྲངས་མང་དུ་གཏོང་བ། གད་སྙིགས་གང་བྱུང་དུ་བསྐྱུར་བ་དང་སྤུངས་པའི་མི་སྒེར་དང་སྡེ་ཁག་ལ་དུས་ཐོག་ཏུ་བཀག་འགོག་དང་། གཙང་སེལ་ལ་ལྟ་སྐུལ་བྱས་ནས་ཡོ་བསྲང་མི་བྱེད་མཁན་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས།
བཞི། ཤང་གྲོང་དང་གྲོང་ཚོའི(སྡེ་ཁུལ)ཁག་གིས་ཤང་(གྲོང་ཚོ)གི་གྲོང་སྲོལ་དམངས་ཆིངས་གཏན་འབེབས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་གད་སྙིགས་གང་བྱུང་དུ་གཡུག་པའི་བྱ་སྤྱོད་ལ་བཀག་འདོམས་བྱེད་དགོས་པ་དང་། གྲོང་དོན་ཡོངས་བསྒྲགས་གླིང་ག་དང་། གྲོང་མིའི་ཚོགས་ཆེན་འཚོག་པ། གྲོང་ཚོ་རིམ་པའི་སྐད་འཕྲིན་ཚོགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། གད་སྙིགས་རིགས་དབྱེ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་དགོས། རྫོང་ཐད་གཏོགས་སྡེ་ཚན་ཁག་གིས་སྡེ་ཚན་དེ་གའི་ལས་བྱེད་ལས་བཟོ་བར་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་ཚང་མ་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་ནས་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུའི་ཁྲིད་སྟོན་སློབ་གསོ་སྤེལ་དགོས།
ལྔ། རྫོང་གི་ཕྱོགས་བསྡུས་ཁྲིམས་འཛིན་མི་སྣས་གད་སྙིགས་གང་བྱུང་དུ་གཡུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་སྐབས། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་འཁོར་རིགས་དང་། ཡོ་བྱད། དངོས་ཟོག་སོགས་བཙན་ཤེད་ཀྱིས་བཀག་ཉར་བྱེད་པའི་བྱ་ཐབས་སྤྱོད་དགོས།
དྲུག སྤྱི་བདེ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། འཕྲོད་བསྟེན། སྣོད་བཅུད་ཁོར་ཡུག རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་དོན་སོགས་སྡེ་ཁག་གིས་ངེས་པར་དུ་རང་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་རྫོང་ཕྱོགས་བསྡུས་འཛིན་འཛིན་སྡེ་ཁག་ལ་གཞོགས་འདེགས་བྱས་ནས། གད་སྙིགས་གང་བྱུང་དུ་གཡུག་པའི་རིགས་ལ་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས། དོ་བདག་པས་ཁྲིམས་འཛིན་མི་སྣས་གཏན་འབེབས་བྱས་པའི་དུས་བཀག་ནང་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོ་བསྲང་མ་བྱས་ཚེ་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཚབ་བྱས་ནས་བཅོས་སྒྲིག་བྱེད་དགོས་པ་དང་དག་ཐེར་གྱི་འགྲོ་གྲོན་ཚང་དོ་བདག་པས་གཏོང་དགོས།
བདུན། དོ་བདག་པས་གཏན་འབེབས་བྱས་པའི་དུས་བཀག་ལྟར་དངུལ་ཆད་མ་འཇལ་ན། ཉིན་རེར་དངུལ་ཆད་གཅོད་གྲངས་ཀྱི་བརྒྱ་ཆ་གསུམ་ལྟར་དངུལ་ཆད་ཁ་སྣོན་རྒྱག་དགོས་པ་མ་ཟད། དངུལ་ཆད་ཆོད་དོན་འཇོག་མཁན་རྫོང་གི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རྫོང་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་པའི་རེ་བ་འདོན་དགོས།
བརྒྱད། རྫོང་གི་ཕྱོགས་བསྡུས་ཁྲིམས་འཛིན་མི་སྣས། ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་པའམ་ཡང་ན་གཞུང་དོན་གཞན་དག་སྒྲུབ་པར་སྡེ་ཁག་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་བཀག་འགོག་བྱས་མི་ཆོག ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་བྱ་སྤྱོད་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་ཀྱི་ཆད་པ་གཅོད་རྒྱུ་དང་། དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་ཉེས་ཚད་ལོན་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་ཡིན།
དགུ། ཁྲིམས་འཛིན་མི་སྣས་ཁྲིམས་འཛིན་ནན་པོ་དང་། ཡ་རབས་ཁྲིམས་འཛིན། དྲང་གཞག་ཁྲིམས་འཛིན་བཅས་བྱས་ཏེ་རྒྱུ་མཚན་བཤད་ནས་མི་སེམས་འགུག་རྒྱུ་མཐའ་འཁྱོངས་བྱེད་དགོས། སྲིད་འཛིན་བལྟོས་བཅས་ཀྱི་མི་ལ་ཉེས་རྡུང་དང་གཤེ་གཤེ་གཏོང་བའི་ཁྲིམས་འཛིན་མི་སྣར་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་ཡིན།
བཅུ། ང་ཚོ་ཐུན་མོང་གི་བདེ་འཇག་དང་ཐུན་མོང་གི་ཁོར་ཡུག་ལ་བསམ་ནས། རྒྱ་ཆེ་བའི་ལས་བྱེད་དང་མང་ཚོགས་རྣམས་ཀྱིས་རང་འག་རང་ཁུར་བྱས་ཏེ། གད་སྙིགས་གང་བྱུང་དུ་འདོར་བ་དང་། སྤུངས་བའི་རིགས་རྣམས་སྦ་གསང་མེད་པར་ཐེར་འདོན་བྱེད་རོགས། ཐེར་འདོན་ཁ་པར།0976-12369
ནང་ཆེན་རྫོང་མི་དམངས་སྲིད་གཞུང་།
2021ལོའི་ཟླ་7ཚེས་30ཉིན་ཕབ།