您现在的位置:首页 > 囊谦新闻 > 囊谦新闻

(藏汉双语)囊谦县新冠肺炎疫情防控处置工作指挥部通告(2022年第7号)

发布者:admin 发布时间:2022-05-11 阅读次数:0

囊谦县新冠肺炎疫情防控处置工作指挥部通告

(2022年第7号)


鉴于当前国内省内疫情防控形势,特别是“五一”假期人员流动频繁,节后疫情输入风险较高。为切实保障广大群众健康,根据省州疫情防控处置工作指挥部安排部署,决定5月12日至5月14日在囊谦县香达镇开展一次全员核酸检测。现将相关要求通告如下:

一、检测对象

全县所有人员(乡镇留居户、流动人员、务工人员等,集中隔离、居家隔离及5月10日已检测人员不参加此次核酸检测)

二、检测时间

2022年5月12日-5月14日每天上午8:00开始。

三、采样方式

采样点集中采样,采用10合1混采检测。

四、注意事项

请近期来囊返囊人员及全县全员按采样检测时间,地点分时分段组织,参加核酸采样检测并做好个人防护,做到“应采尽采、应检必检、不漏一人”。按照“先县城、后乡镇”的原则。县城社区由香达镇负责组织,各乡配合香达镇落实组织动员,各乡镇同时负责组织目前在牧区全员的组织工作,及时本乡镇卫生院联系,组织核酸采样检测。

(一)请携带手机,提前做好“信康码”扫码准备。老人、未成年人等没有智能手机或不方便使用智能手机的,可在家人手机账号下添加生成其二维码。采样结束后,不逗留,及时返回家中。

(二)区域核酸检测期间实行道路交通管控,除执行任务的特种车、医疗救治车辆、民生保障车辆、抢修救援车、应急公务车、军警车以及参与疫情防控工作和紧急生产的车辆外,禁止出行。

(三)请佩戴口罩,前往所属采样地点进行核酸检测,注意保持“2米线”距离,主动配合、听从工作人员指挥,有序排队,按要求进出场地。

(四)近48小时内接种了新冠病毒疫苗的人员不参加此次核酸检测,但须及时向社区工作人员说明并报备情况。

(五)核酸检测结果出具前,请尽量减少流动,不参与聚集性活动,如有发热等不适症状,请主动到县医院发热门诊就诊。如不按规定参加此次核酸检测造成相应后果的,将承担法律责任。

(六)采样前2小时内不要饮食,30分钟内请勿吸烟、喝酒、嚼口香糖等,以防影响检测结果。在等待检测结果期间,请广大居民自觉居家,倡导非必要不外出、不聚集、不聚餐。

(七)本次核酸检测为免费检测,不出具纸质版检测报告,检测结果可通过“信康码”查询。

(八)儿童、老人等特殊人群需在监护人或家人陪同下进行核酸采样,采样点要及时开设绿色通道。对行动不便无法到现场采样的高龄老人、残疾人等,可提前联系所在社区做好登记,核实后安排医务人员上门采样。

(九)居民若出现发热、干咳、咽痛、嗅(味)觉减退、腹泻等症状后要第一时间向社区报告,服从社区疫情防控安排。如遇紧急情况,可拨打公安110报警寻求帮助。

(十)各学校负责学校采样场所及学生二维码生成组织动员工作。

(十一)县市监局、住建局、交通局负责个体工商户、项目单位务工人员和客运人员组织动员工作。

(十二)本次核酸检测是预防性检测,是落实“四早”要求的具体举措,请广大居民积极配合,不恐慌、不抢购、不信谣、不传谣、不造谣、不驻留观看。对拒不配合、不支持核酸检测工作,扰乱秩序、伪造信息或恶意传播不实图片、视频和言论,造成严重社会负面影响的,将依法从严追究法律责任。

 请各乡镇、社区按照本《通告》要求,及时通知辖区群众,组织群众到指定地点采样,按时间节点完成州外来囊返囊人员核酸检测工作。同时,提前做好明天开展的区域核酸检测准备工作。



囊谦县新冠肺炎疫情防控处置

工作指挥部

2022年5月11日





 

ནང་ཆེན་རྫོང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་

འདོམས་པུའུ་གི་བརྡ་ཐོ། 

  (2022ལོའི་ཨང7པ།) 

ཉེ་ཆར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཡུས་ཧྲུའུ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་ལྟར། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་སྒྲུབ་ཆེད། 2022ལོའི་ཟླ་5ཚེས་12ཉིན་ནས་ཟླ་5ཚེས་14ཉིན་བར་རྫོང་ཤར་མདའ་གྲོང་སྡེའི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་མ་དཔེ་ཚད་ལེན་གྱི་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་ཡིན་པས་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།

དང་པོ། ཞིབ་བཤེར་བྱ་ཡུལ། 

རྫོང་ཡོངས་ཀྱི་མི་སྣ་(ཤང་དང་གྲོང་རྡལ་གྱི་གནས་སྡོད་དུད་ཚང་དང་།སྐོར་སྐྱོད་མི་སྣ།ལས་གཉེར་མི་སྣ་སོགས)

(གཅིག་བསྡུས་ཀྱིས་ལོགས་བཀར་བྱས་པའི་མི་སྣ་དང་།ཁྱིམ་སྡོད་ལོགས་བཀར་བྱས་པའི་མི་སྣ། ཟླ5ཚེས10ཉིན་ཞིབ་བཤེར་ཚར་བའི་མི་སྣ་དག་ཐེངས་འདིས་ཞིབ་དཔྱད་ཚད་ལེན་ནང་དུ་ཞུགས་མི་དགོས།)

གཉིས་པ། ཞིབ་བཤེར་དུས་ཚོད།  

ཟླ་5པའི་ཚེས12ཉིན་ནས་ཟླ་5ཚེས་14ཉིན་བར་གྱི་སྔ་དྲོའི་ཆུ་ཚོད8:00ནས་

གསུམ། མ་དཔེ་ཞིབ་བཤེར་ཚད་ལེན་བྱེད་སྟངས། 

ཞིབ་བཤེར་ཚད་ལེན་ས་ཚིགས་སུ་གཅིག་བསྡུས་ངང་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་། མཉམ་བསྲེས་ཞིབ་དཔྱད་ཀྱི་བྱ་ཐབས་སྤྱད་ནས་ཞིབ་དཔྱད་ཚད་ལེན་བྱེད་རྒྱུ།

བཞི།  དོ་སྣང་བྱ་དགོས་པའི་དོན་ཚན། 

ཉེ་ཆར་ནང་ཆེན་དུ་ཡོང་བ་དང་ཕྱིར་ལོག་བྱས་པའི་མི་སྣ་དང་དེ་བཞིན་རྫོང་ཡོངས་ཀྱི་མི་སྣ་ཡོངས་ཀྱིས་ཞིབ་བཤེར་ཚད་ལེན་གྱི་དུས་ཚོད་དང་། ས་ཚིགས་བགོས་པའི་བཀོད་སྒྲིག་ལྟར་རྩ་འཛུགས་བྱས་ཏེ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱེད་པ་དང་འབྲེལ་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་ནས“ཚད་ལེན་བྱེད་འོས་ལ་བྱེད་གང་ཐུབ་དང་། ཞིབ་དཔྱད་བྱེད་འོས་ལ་བྱེད་ངེས་པ། མི་སྣ་གཅིག་ཀྱང་མི་ལྷག་པ”བྱེད་དགོས། “སྔོན་ནས་རྫོང་མཁར་དང་རྗེས་ནས་ཤང་དང་གྲོང་རྡལ”གྱི་རྩ་དོན་ལྟར། རྫོང་མཁར་གྱི་གཞིས་ཁུལ་སོ་སོ་ཤར་མདའ་གྲོང་རྡལ་གྱིས་རྩ་འཛུགས་ཀྱི་འགན་འཁུར་བྱེད་པ་དང་།ཤང་སོ་སོས་ཤར་མདའ་གྲོང་རྡལ་ལ་གཞོགས་འདེགས་བྱས་ནས་རྩ་འཛུགས་སྐུལ་སློང་དོན་འཁྱོལ་བྱེད་པ།ཤང་དང་གྲོང་རྡལ་ཁག་གིས་དུས་མཚུངས་སུ་མིག་སྔར་འབྲོག་ཁུལ་གྱི་མི་སྣ་ཡོངས་ཀྱི་རྩ་འཛུགས་ལས་དོན་སྒྲིག་འཛུགས་བྱེད་པར་འགན་འཁུར་ཏེ། ཤང་དང་གྲོང་རྡལ་དེའི་འཕྲོད་བསྟེན་ཁང་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས་ཉིང་སྐྱུར་ཞིབ་དཔྱད་མ་དཔེ་ཚད་ལེན་བྱེད་པར་རྩ་འཛུགས་བྱེད་དགོས། 

(གཅིག)ལག་ཁྱེར་ཁ་པར་འཁྱེར་ཏེ་སྔོན་ནས“ཡིད་རྟོན་བདེ་ཐང་བཤེར་རིས(信康码)”བཤེར་རྒྱུར་གྲ་སྒྲིག་བྱེད་དགོས། རྒན་རྒོན་དང་ན་ཆུང་གཞོན་ནུ་སོགས་ལག་ཁྱེར་ཁ་པར་མེད་པའམ་ཡང་ན་རིག་ནུས་ཅན་གྱི་ཁ་པར་མེད་པའི་རིགས་ལ་ཁྱིམ་མིའི་ལག་ཁྱེར་ཁ་པར་གྱི་རྩིས་ཁྲའི་འོག་རྩ་གཉིས་ཨང་རྟགས་ཁ་སྣོན་རྒྱག་ཆོག 

(གཉིས།)ས་ཁོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་རིང་གཞུང་ལམ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་དགོས་ཤིང་།་ལས་འགན་སྒྲུབ་མཁན་ཆེད་ལས་རླངས་འཁོར་དང་།་སྨན་བཅོས་སྲོག་སྐྱོབ་རླངས་འཁོར།་དམངས་འཚོ་འགན་སྲུང་རླངས་འཁོར།་མྱུར་བཟོ་རོགས་སྐྱོབ་རླངས་འཁོར།་བབ་བསྟུན་གཞུང་དོན་རླངས་འཁོར།་དམག་དཔུང་དང་ཉེན་རྟོག་པའི་རླངས་འཁོར་བཅས་དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་དང་ཛ་དྲག་ཆེ་བའི་ཐོན་སྐྱེད་ནང་ཞུགས་པའི་རླངས་འཁོར་ཕུད་པའི་སྒེར་རང་གི་རླངས་འཁོར་ཕྱིར་སྐྱོད་མི་ཆོག

(གསུམ)ཁ་ཐུབ་བརྒྱབ་ནས་ཁོངས་གཏོགས་ས་ཚིགས་ཀྱི་ཞིབ་དཔྱད་ཚད་ལེན་བྱ་ཡུལ་དུ་བསྐྱོད་དེ་ཉིང་སྐྱུར་གྱི་ཞིབ་དཔྱད་ཚད་ལེན་བྱེད་དགོས་དང་། “སྨི་2ཀྱི་བར་ཐག་རྒྱུན་འཁྱོངས་བྱ་རྒྱུར་དོ་སྣང་བྱས་ཏེ་རང་འགུལ་ངང་གཞོགས་འདེགས་དང་ལས་དོན་མི་སྣའི་བཀོད་སྒྲིག་ལ་ཉན་ནས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་པ་དང་འབྲེལ་ཡོད་བླང་བྱ་ལྟར་འགྲོ་འོང་བྱེད་དགོས། 

(བཞི།)ཉེ་བའི་ཆུ་ཚོད་48ནང་དུ་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་པའི་མི་སྣ་ད་ཐེངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ནང་ཞུགས་མི་དགོས། འོན་ཀྱང་ངེས་པར་དུ་དུས་ཐོག་ཏུ་གཞིས་ཁུལ་གྱི་ལས་སྒྲུབ་མི་སྣར་གསལ་བཤད་བྱེད་དགོས་པ་མ་ཟད་གནས་ཚུལ་སྙན་ཞུ་བྱས་རྗེས་ཐོ་འགོད་བྱེད་དགོས།

(ལྔ)ཉིང་སྐྱུར་ཞིབ་བཤེར་གྱི་མཇུག་འབྲས་མ་ཐོན་གོང་། འགྲོ་སྐྱོད་ཉུང་དུ་གཏོང་བ་དང་། གཅིག་བསྡུས་རང་བཞིན་གྱི་བྱ་འགུལ་དུ་མི་ཞུགས་པ། གལ་ཏེ་ཚ་བ་རྒྱས་པ་སོགས་མི་བདེ་བའི་ནད་རྟགས་ཡོད་ཚེ་རང་འགུལ་ངང་རྫོང་སྨན་ཁང་དུ་སོང་ནས་ཚ་རྒྱས་སྒོ་བསྟེན་སྨན་པར་སྟོན་དགོས། གལ་ཏེ་གཏན་འབེབས་ལྟར་ད་ཐེངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ནང་མ་ཞུགས་པར་དེ་མཚུངས་ཀྱི་མི་ལེགས་པའི་མཇུག་འབྲས་ཐོན་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། 

(དྲུག)མ་དཔེ་ཚད་ལེན་མ་བྱས་པའི་སྔོན་དུ་ཆུ་ཚོད་2ནང་དུ་བཟའ་བཏུང་མི་བྱེད་པ། སྐར་མ་30ནང་དུ་ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ།ཁ་གཙང་ཐང་ཆུ་མི་ལྡད་པ་བཅས་བྱས་ནས་ཞིབ་བཤེར་མཇུག་འབྲས་ལ་གནོད་པ་མི་ཡོང་བ་བྱེད་དགོས།

(བདུན)ད་ཐེངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དེ་རིན་མེད་ཀྱིས་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན་པས་ཤོག་ངོས་ཀྱི་ཞིབ་དཔྱད་ཚད་ལེན་མཇུག་འབྲས་མཁོ་འདོན་བྱ་རྒྱུ་མེད་པ་དང་།ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་དེ“ཡིད་རྟོན་བདེ་ཐང་བཤེར་རིས་信康码དང་རྒྱད་ནས་ལྟ་ཆོག

(བརྒྱད)བྱིས་པ་དང་རྒན་རྒོན་སོགས་དམིགས་བསལ་མི་ཚོགས་ཀྱིས་ལྟ་སྐྱོང་པའམ་ཡང་ན་ཁྱིམ་མིའི་ཕེབས་རོགས་འོག་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱ་དགོས་པ་དང་།མ་དཔེ་འཚོལ་བསྡུ་བྱེད་གནས་ཀྱིས་དུས་ཐོག་ཏུ་ལྗང་མདོག་བགྲོད་ལམ་འཛུགས་དགོས། འགྲོ་སྐྱོད་སྟབས་མི་བདེ་བས་ས་གནས་ས་ཐོག་ཏུ་དངོས་དཔེ་འཚོལ་བར་ཡོང་ཐབས་བྲལ་བའི་ལོ་ན་མཐོ་བའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ལ་སྔ་སྣུར་དུ་གནས་སའི་སྡེ་ཁུལ་དང་འབྲེལ་བ་བྱས་ནས་ཐོ་འགོད་ཡག་པོ་བྱེད་པ་དང་ཞིབ་དཔྱད་བྱས་རྗེས་སྨན་དོན་མི་སྣ་སྒོ་རྩར་དངོས་དཔེ་འཚོལ་བར་ཡོང་རྒྱུའི་བཀོད་སྒྲིག་བྱེད་ཆོག

(དགུ)སྡོད་དམངས་ལ་ཚ་བ་རྒྱས་པ་དང་།་གློ་ལུ་བ།་མིད་པ་ན་བ།་སྣོམ་པ་(་དྲི་མ་)་ཇེ་ཞན་དུ་འགྲོ་བ།་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་རྗེས་དུས་ཚོད་དང་པོར་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་དང་།་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་དང་ལེན་བྱ་དགོས། གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་ལ་འཕྲད་ན་སྤྱི་བདེ་༡༡༠ལ་ཁ་པར་བཏང་ནས་རོགས་རམ་བྱེད་དུ་བཅུག་ཆོག

(བཅུ)སློབ་གྲྭ་སོ་སོས་་སློབ་གྲྭའི་མ་དཔེ་ཚད་ལེན་བྱ་ཡུལ་དང་སློབ་མའི་རྩ་གཉིས་ཨང་རྟགས་གྲུབ་བཟོ་བྱེད་པའི་སྒྲིག་འཛུགས་སྐུལ་སློང་ལས་དོན་གྱི་འགན་འཁུར་དགོས།

(བཅུ་གཅིག)རྫོང་གྲོང་ཁྱེར་ལྟ་སྐུལ་ཅུས་དང་།སྡོད་ཁང་འཛུགས་སྐྲུན་ཅུས།འགྲིམ་འགྲུལ་ཅུད་བཅས་ཀྱིས་ཁེར་གཉེར་བཟོ་ཚོང་ལས་རིགས་དང་། རྣམ་གྲངས་ཚན་པའི་ལས་གཉེར་མི་སྣ།འགྲུལ་སྐྱེལ་མི་སྣ་བཅས་ཀྱི་རྩ་འཛུགས་སྐུལ་སློང་བྱེད་རྒྱུའི་འགན་འཁུར་དགོས།

(བཅུ་གཉིས)ཐེངས་འདིའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནི་སྔོན་འགོག་རང་བཞིན་གྱི་ཞིབ་དཔྱད་ཚད་ལེན་ཡིན་ཞིང་།“སྔ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས་རྒྱ་ཆེའི་སྡོད་དམངས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ། འཇིགས་སྣང་མི་བྱེད་པ་དང་།ཧབ་ཐོབ་མི་རྒྱག་པ།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ།དཀྲོག་གཏམ་རྒྱུད་སྤེལ་མི་བྱེད་པ།དཀྲོག་གཏམ་མི་བཟོ་བ། ལྟད་མོར་མི་ལྟ་པ་བཅས་བྱེད་དགོས། གཞོགས་འདེགས་མི་བྱེད་པ་དང་།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པ།སྒྲིག་ལམ་དཀྲུག་པ་དང་།ཆ་འཕྲིན་རྫུན་བཟོའམ་ཡང་ན་ཤེས་གསལ་ལྟར་དྲང་གཞག་མིན་པའི་པར་རིས་དང་།བརྙན། གཏམ་བརྗོད་བཅས་བརྒྱུད་བསྒྲགས་བྱས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་བའི་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། 

ཤང་གྲོང་དང་སྡེ་ཁུལ་ཁག་གིས《བརྡ་ཁྱབ》ཀྱི་བླང་བྱ་ལྟར་མངའ་ཁོངས་ཀྱི་མང་ཚོགས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་བ་དང་།མང་ཚོགས་སྒྲིག་འཛུགས་བྱས་ནས་གཏན་འཁེལ་བྱས་པའི་ས་ཚིགས་སུ་ཉིང་སྐྱུར་མ་དཔེ་ཚད་ལེན་བྱེད་པ།དུས་ལྟར་ཁུལ་ཕྱི་ཕྱོགས་ནས་ནང་ཆེན་དུ་ཡོང་བའི་མི་སྣར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ལེགས་འགྲུབ་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ཏུ་སང་ཉིན་མངའ་ཁོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་གྲ་སྒྲིག་ལས་དོན་བཟང་སྒྲུབ་བྱེད་དགོས།



ནང་ཆེནརྫོང་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ།

2022ལོའི་ཟླ5པའི་ཚེས11ཉིན།