全县广大人民群众
རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ།
耕地是保障国家粮食安全的基础,是粮食生产的命根子。党的二十大报告要求:“要全方位夯实粮食安全根基,牢牢守住十八亿亩耕地红线,确保中国人的饭碗牢牢端在自己手中。”为贯彻落实党中央、国务院耕地保护决策部署,希望全县广大人民群众,心系“国之大者”,共同珍惜保护好耕地资源,以零容忍的态度,坚决遏制整治各种违法占用耕地行为,严守耕地红线,确保粮食安全。
རྨོ་ཞིང་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྨང་གཞི་ཡིན་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་མུའུ་དུང་ཕྱུར་བཅོ་བརྒྱད་ཡོད་པའི་རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ཏེ་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རེ་བ་ནི“རྒྱལ་ཁབ་ཀྱི་དོན་ཆེན་པོར”སེམས་སུ་བཅངས་ནས་ཐུན་མོང་གི་ཐོག་རྨོ་ཞིང་གི་ཐོན་ཁུངས་ལ་གཅེས་སྤྲས་དང་སྲུང་སྐྱོང་ཡག་པོ་བྱས་ཏེ་བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་ཁྲིམས་འགལ་ངང་རྨོ་ཞིང་བཟུང་སྤྱོད་བྱེད་པའི་བྱེད་སྤྱོད་བཀག་འགོག་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད།
一、正确理解耕地用途
གཅིག རྨོ་ཞིང་གི་བེད་སྤྱོད་བྱེད་སྟངས་གོ་བ་ཡང་དག་ལེན་པ།
耕地主要用于粮食和棉、油、糖、蔬菜等农产品及饲草饲料生产,永久基本农田重点用于粮食生产,高标准农田原则上全部用于粮食生产。
རྨོ་ཞིང་གཙོ་བོ་འབྲུ་རིགས་དང་སྲིང་བལ། སྣུམ། བུ་རམ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་དང་གཟན་ཆག་ཐོན་སྐྱེད་ཐད་ལ་སྤྱོད་རྒྱུ་དང་། གཏན་འཇགས་གཞི་རྩའི་ཞིང་ཁ་གཙོ་བོ་འབྲུ་རིགས་ཐོན་སྐྱེད་ཐད་ལ་སྤྱོད་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་ཚང་མ་རྩ་དོན་ཐོག་ལ་འབྲུ་རིགས་ཐོན་སྐྱེད་ཐད་ལ་སྤྱོད་རྒྱུ་བཅས་རེད།
二、耕地保护规定严格,这些要求务必牢记
གཉིས། རྨོ་ཞིང་སྲུང་སྐྱོང་བྱེད་རྒྱུའི་གཏན་འབེབས་ནན་པོ་བྱས་ཏེ་བླང་བྱ་དེ་དག་ངེས་པར་དུ་སེམས་ལ་བརྟན་པོ་ངེས་དགོས།
(一)永久基本农田“四严禁”
(གཅིག)གཏན་འཇགས་གཞི་རྩའི་ཞིང་ཁའི“གཏན་འགོག་བཞི”
1.严禁占用永久基本农田发展林果业和挖塘养鱼。
2.严禁占用永久基本农田种植苗木、草皮等用于绿化装饰以及 其他破坏耕作层的植物。
3.严禁占用永久基本农田挖湖造景、建设绿化带。
4.严禁新增占用永久基本农田建设畜禽养殖设施、水产养殖设施和破坏耕作层的种植业设施。
༡.གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ནས་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བ་དང་རྫིང་བུ་དྲུས་ནས་ཉ་གསོ་རྒྱུ་གཏན་འགོག་བྱེད་པ།
༢.ཡུན་རིང་གི་གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ནས་སྡོང་ཕྲུག་དང་སྤང་ཤུན་སོགས་སྔོ་འགྱུར་མཛེས་རྒྱན་དང་དེ་བཞིན་རྨོ་འདེབས་བང་རིམ་ལ་གཏོར་བཤིག་གཏོང་བའི་རྩི་ཤིང་གཞན་དག་འདེབས་འཛུགས་བྱ་རྒྱུ་གཏན་འགོག་བྱེད་པ།
༣.གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ནས་མཚེའུ་བཟོ་བ་དང་མཛེས་ལྗོངས་བཟོ་བ། སྔོ་འགྱུར་ཁུལ་བསྐྲུན་རྒྱུ་གཏན་འགོག་བྱེད་པ།
༤.གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ནས་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་སྒྲིག་ཆས་དང་། ཆུ་ཐོན་གསོ་ཚགས་སྒྲིག་ཆས་གསར་དུ་བསྐྲུན་རྒྱུ་དང་རྨོ་འདེབས་རིམ་པར་གཏོར་བཤིག་གཏོང་བའི་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་ཆས་གསར་དུ་བསྐྲུན་རྒྱུ་གཏན་འགོག་བྱ་རྒྱུ།
(二)耕地用途“五不得”
(༢) རྨོ་ཞིང་གི་བེད་སྤྱོད“མི་ཆོག་པ་ལྔ”
不得在一般耕地上挖湖造景、种植草皮。
不得在国家批准的生态退耕规划和计划外擅自扩大退耕还林还草还湿还湖规模。
不得违规超标准在铁路、公路等用地红线外,以及河渠两侧、水库周边占用一般耕地种树建设绿化带。
未经批准不得占用一般耕地实施国土绿化。
未经批准工商企业等社会资本不得将通过流转获得土地经营权的一般耕地转为林地、园地等其他农用地。
༡.སྤྱིར་བཏང་གི་རྨོ་ཞིང་ཐོག་མཚེའུ་བརྐོས་ཏེ་ཡུལ་ལྗོངས་བཟོ་བ་དང་རྩྭ་ཤུན་འདེབས་མི་ཆོག
༢.རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བའི་སྐྱེ་ཁམས་ཞིང་དོར་གྱི་འཆར་གཞི་དང་འཆར་གཞི་ལས་གཞན་རང་དགར་ཞིང་དོར་ནགས་གསོ་དང་རྩྭ་འདེབས། བརླན་འདེབས། མཚེའུ་བཅས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་བྱེད་མི་ཆོག
༣.སྒྲིག་འགལ་དང་ཚད་གཞི་ལས་བརྒལ་ནས་ལྕགས་ལམ་དང་གཞུང་ལམ་སོགས་ས་ཆའི་དམར་ཐིག་གི་ཕྱི་རོལ་དང་། དེ་བཞིན་ཆུ་ཡུར་གྱི་གཡས་གཡོན་དང་ཆུ་མཛོད་ཀྱི་མཐའ་འཁོར་བཅས་ཀྱི་རྨོ་ཞིང་དཀྱུས་མར་ཤིང་འཛུགས་བྱས་ནས་སྔོ་འགྱུར་ཁུལ་འཛུགས་མི་ཆོག
༤.ཆོག་མཆན་མ་ཐོབ་པར་སྤྱིར་བཏང་གི་རྨོ་ཞིང་བདག་བཟུང་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་བསྒྱུར་མི་ཆོག
༥.ཆོག་མཆན་མ་ཐོབ་པར་བཟོ་ཚོང་ཁེ་ལས་སོགས་སྤྱི་ཚོགས་ཀྱི་མ་དངུལ་གྱིས་ས་ཞིང་གཉེར་སྐྱོང་བདག་དབང་ཐོབ་པའི་སྤྱིར་བཏང་གི་རྨོ་ཞིང་དེ་ནགས་ས་དང་ལྡུམ་ར་སོགས་ཞིང་སྤྱོད་ས་ཞིང་གཞན་པར་བསྒྱུར་མི་ཆོག
(三)耕地保护“六严禁”
(༣)རྨོ་ཞིང་སྲུང་སྐྱོབ་བྱེད་པའི“གཏན་འགོག་དྲུག”
严禁违规占用耕地绿化造林。
严禁超标准建设绿色通道。
严禁违规占用耕地挖湖造景。
严禁占用永久基本农田扩大自然保护地。
严禁违规占用耕地从事非农建设。
严禁违法违规批地用地。
༡.སྒྲིག་སྲོལ་ལས་འགལ་ཏེ་རྨོ་ཞིང་བཟུང་སྤྱོད་བྱས་ནས་སྔོ་འགྱུར་ནགས་བཟོ་བྱེད་རིགས་གཏན་འགོག་བྱ་དགོས།
༢.ཚད་གཞི་ལས་བརྒལ་ནས་ལྗང་མདོག་བགྲོད་ལམ་འཛུགས་སྐྲུན་བྱེད་རིགས་གཏན་འགོག་བྱ་དགོས།
༣.སྒྲིག་འགལ་ངང་རྨོ་ཞིང་བཟུང་སྤྱོད་དང་མཚེའུ་སྔོག་ནས་ཡུལ་ལྗོངས་བསྐྲུན་རྒྱུ་གཏན་འགོག་བྱེད་པ།
༤.གཏན་འཇགས་གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱས་ཏེ་རང་བྱུང་སྲུང་སྐྱོབ་བྱ་ཡུལ་རྒྱ་སྐྱེད་གཏོང་བར་གཏན་འགོག་བྱ་དགོས།
༥.སྒྲིག་འགལ་གྱིས་རྨོ་ཞིང་བཟུང་སྤྱོད་བྱས་ཏེ་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་རིགས་གཏན་འགོག་བྱ་དགོས།
༦.ཁྲིམས་འགལ་སྒྲིག་འགལ་གྱིས་ས་ཞིང་བཀོལ་སྤྱོད་ཆོག་མཆན་སྤྲོད་པ་གཏན་འགོག་བྱ་དགོས།
(四)农村乱占耕地建房“八不准”
(༤)གྲོང་གསེབ་ལ་རྨོ་ཞིང་གང་བྱུང་དུ་བཟུང་སྤྱོད་བྱེད་ནས་ཁང་པ་རྒྱག་པ“བྱེད་མི་ཆོག་པ་བརྒྱད”
不准占用永久基本农田建房
不准强占多占耕地建房
不准买卖、流转耕地违法建房
不准在承包耕地上违法建房
不准巧立名目违法占用耕地建房
不准违反“一户一宅”规定占用耕地建房
不准非法出售占用耕地建的房屋
不准违法审批占用耕地建房
༡.གཏན་འཇགས་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱེད་ནས་ཁང་པ་རྒྱག་མི་ཆོག
༢.རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་རྒྱག་མི་ཆོག
༣.རྨོ་ཞིང་ཉོ་ཚོང་དང་འཁོར་སྒྱུར་བྱས་ནས་ཁྲིམས་འགལ་གྱིས་ཁང་པ་རྒྱག་མི་ཆོག
༤.འགན་གཙང་བླངས་པའི་རྨོ་ཞིང་ཐོག་ཁྲིམས་འགལ་གྱིས་ཁང་པ་རྒྱག་མི་ཆོག
༥.མིང་འདྲ་མིན་སྣ་ཚོགས་བཏགས་ནས་ཁྲིམས་འགལ་གྱིས་རྨོ་ཞིང་བཟུང་སྤྱོད་བྱས་ཏེ་སྡོད་ཁང་རྒྱག་མི་ཆོག
༦.“དུད་ཚང་རེར་སྡོད་ཁང་རེ་ཡོད་པའི”གཏན་འབེབས་ལས་འགལ་ནས་རྨོ་ཞིང་བཟུང་སྤྱོད་ཀྱིས་སྡོད་ཁང་རྒྱག་མི་ཆོག
༧.ཁྲིམས་དང་མི་མཐུན་པར་རྨོ་ཞིང་བཟུང་སྤྱོད་བྱས་པའི་ཁང་པ་ཕྱིར་འཚོང་བྱེད་མི་ཆོག
༨.རྨོ་ཞིང་བཟུང་སྤྱོད་བྱས་ནས་ཁང་པ་རྒྱག་རྒྱུར་ཁྲིམས་འགལ་ངང་ཞིབ་མཆན་འགོད་མི་ཆོག
三、卫片执法监控严密,违法用地难逃“天眼”
གསུམ། འཕྲོད་བསྟེན་འཁོར་སྐར་ལ་ཁྲིམས་འཛིན་ལྟ་སྐུལ་ཚོད་འཛིན་ནན་པོ་བྱས་ནས་ཁྲིམས་འགལ་ངང་ས་ཆ་སྤྱོད་པའི“གནམ་མིག”ལས་གཡོལ་མི་ཐུབ།
自然资源卫星图片执法是利用卫星遥感监测等技术手段,对行政区域自然资源的开发利用情况进行执法监察。我国资源卫星监测照片分辨率可达到1-2.5米级,土地上的房屋、田块、湾塘、道路、街道上的树木、田里的塑料大棚等都能清晰监测到。卫片如同“天眼”,只要动土,各种非法占地情况都会一览无余。
རང་བྱུང་ཐོན་ཁུངས་ཀྱི་སྲུང་སྐར་པར་རིས་ཁྲིམས་འཛིན་ནི་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་སྲིད་འཛིན་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་ཚུལ་ལ་ཁྲིམས་འཛིན་ལྟ་ཞིབ་བྱ་རྒྱུ་དེ་རེད། རང་རྒྱལ་གྱི་ཐོན་ཁུངས་སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་པར་རིས་དབྱེ་འབྱེད་བྱེད་ཚད་སྨི་1ནས་2.5བར་ཟིན་ཡོད་པ་དང་ས་ཆ་ཐོག་གི་ཁང་པ་དང་། ཞིང་ལེབ། མཚོ་ཁུག་ཐང་། གཞུང་ལམ། ཁྲོམ་གཞུང་ཐོག་གི་ཤིང་སྡོང་། ཞིང་ནང་གི་འགྱིག་ཤོག་དྲོད་ཁང་སོགས་ཚང་མར་ལྟ་ཞིབ་ཚད་ལེན་གསལ་པོ་ཐུབ་ཀྱི་ཡོད་པ་རེད། འཁོར་སྐར“གནམ་མིག”དང་འདྲ་བར་ས་འགུལ་སྤྱོད་ཡོད་ཚེ་ཁྲིམས་འགལ་ངང་ས་ཆ་བཟུང་བའི་གནས་ཚུལ་ཚང་མ་མཐོང་ཐུབ།
四、违法占地行为,应承担后果
བཞི། ཁྲིམས་འགལ་གྱིས་ས་ཆ་བཟུང་བའི་བྱ་སྤྱོད་ཀྱིས་མཇུག་འབྲས་ཀྱི་འགན་འཁུར་དགོས།
新修订的《土地管理法实施条例》于2021年9月1日起正式施行,土地违法行为不仅要拆除、恢复土地原状,还要受到严厉惩处。
གསར་དུ་བཟོ་བཅོས་བརྒྱབ་པའི《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག》དེ་2021ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་ས་ཆ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་མེད་པ་བཟོ་བ་དང་ས་ཆའི་སྔར་ཡོད་རྣམ་པ་སླར་གསོ་བྱེད་དགོས་པར་མ་ཟད། ད་དུང་ཆད་པ་ནན་པོ་གཅོད་དགོས།
(一)面临巨额罚款
(༡)དངུལ་ཆད་འབོར་ཆེན་ཕོག་པ།
1. 违法占地的处罚。新《中华人民共和国土地管理法实施条例》规定罚款标准为每平方米100至1000元,意味着违法占用土地1亩最高可罚66.6万元!
༡.ཁྲིམས་འགལ་གྱིས་ས་ཆ་བདག་བཟུང་བྱས་པའི་ཉེས་ཆད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གསར་བའི་གཏན་འཁེལ་ལྟར་ན། སྒོར་100ནས་1000བར་གྱི་དངུལ་ཆད་གཅོད་པ་དེ་ནི་ཁྲིམས་འགལ་སྒོས་ས་ཞིང་མུའུ་1བདག་བཟུང་བྱས་ན་ཆེས་མཐོ་བའི་སྒོར་ཁྲི་66.6ཡིན།
2. 非法占用永久基本农田发展林果业或挖塘养鱼的处罚。新《中华人民共和国土地管理法实施条例》第五十一条规定:违反《土地管理法》第三十七条的规定非法占用永久基本农田发展林果业或者挖塘养鱼的,由县级以上人民政府自然资源主管部门责令限期改正;逾期不改正的,按占用面积处耕地开垦费2倍以上5倍以下的罚款:破坏种植条件的,依照《土地管理法》第七十五条的规定处罚。
༢ ཁྲིམས་འགལ་གྱིས་གཏན་འཇགས་གཞི་རྩའི་ཞིང་ས་བདག་བཟུང་བྱས་ནས་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བའམ་ཡང་ན་རྫིང་བུ་བརྐོས་ནས་ཉ་གསོ་བའི་ཆད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་བྱེད་པའི་སྲོལ་ཡིག》གསར་བའི་དོན་ཚན་ང་གཅིག་པར།《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་འགལ་ཏེ། ཁྲིམས་འགལ་གྱིས་གཏན་འཇགས་གཞི་རྩའི་ཞིང་ས་བཟུང་སྤྱོད་བྱས་ནས་ནགས་ལས་དང་སིལ་སྡོང་ལས་རིགས་འཕེལ་རྒྱས་གཏོང་བའམ་ཡང་ན་རྫིང་བུ་བརྐོས་ནས་ཉ་གསོ་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་དུས་བཅད་ལྟར་ཡོ་བསྲང་བྱེད་པའི་བཀའ་འབེབས་དགོས། དུས་ལས་ཡོལ་ཀྱང་ཡོ་བསྲང་མ་བྱས་ན། བཟུང་སྤྱོད་བྱས་པའི་རྒྱ་ཁྱོན་ལྟར་རྨོ་ཞིང་གསར་སྦོལ་བྱས་པའི་གྲོན་དངུལ་གྱི་ལྡབ་གཉིས་ཡན་ནས་ལྡབ་ལྔའི་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ། འདེབས་འཛུགས་ཆ་རྐྱེན་ལ་གཏོར་བརླག་བཏང་ན།《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དོན་ལྔ་བའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
(二)可能被追究刑事责任
( ༢ )ཉེས་འགན་བདའ་འདེད་བྱེད་སྲིད།
《中华人民共和国刑法》第342条规定:违反土地管理法规、非法占用耕地、林地等农用地、改变被占用土地用途,数量较大,造成耕地、林地等农用地大量毁坏的,处5年以下有期徒刑或者拘役,并处或者单处罚金。根据《最高人民检察院、公安部关于公安机关管辖的刑事案件立案追诉标准的规定(一)》第六十七条第一款第一项:“非法占用基本农田五亩以上或者基本农田以外的耕地十亩以上的。”属于造成耕地大量毁坏情形。
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན342པ་ལས་གཏན་ཁེལ་བྱས་དོན། ས་ཞིང་དོ་དམ་ཁྲིམས་སྲོལ་དང་འགལ་ཏེ། ཁྲིམས་འགལ་གྱིས་རྨོ་ཞིང་དང་ནགས་ས་བདག་བཟུང་བྱས་པ་དང་། གཞན་གྱིས་བདག་བཟུང་བྱས་པའི་ས་ཞིང་གི་སྤྱོད་སྒོ་བསྒྱུར་བ། གྲངས་ཀ་ཅུང་མང་བ། རྨོ་ཞིང་དང་ནགས་ས་སོགས་ཞིང་སྤྱོད་ས་ཞིང་ལ་གཏོར་བརླག་ཆེན་པོ་བཟོས་ན། ལོ་ལྔ་མན་གྱི་དུས་གཏན་ཁྲིམས་གཅོད་དང་བཙན་ཉར་ལས་སྐུལ།དངུལ་ཆད་ཆབས་སྦྲགས་སུ་གཅོད་པའམ་གཅིག་པུར་གཅོད་དགོས། 《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའུ་ཡི་སྤྱི་བདེ་ལས་ཁུངས་ཀྱི་བདག་སྤྲོད་བྱེད་ཁོངས་སྐོར་གྱི་ཉེས་དོན་གྱོད་གཞི་ཐོ་འགོད་ཁྲིམས་སྦྱོར་བྱེད་པའི་ཚད་གཞིའི་སྐོར་གྱི་གཏན་འབེབས།(གཅིག)》དོན་ཚན་རེ་བདུན་པའི་ནང་གསེས་དོན་ཚན་དང་པོར། ཁྲིམས་འགལ་གྱིས་གཞི་རྩའི་ཞིང་ཁ་མུའུ་ལྔ་ཡན་ནམ་ཡང་ན་གཞི་རྩའི་ཞིང་ཁ་ཕུད་པའི་རྨོ་ཞིང་མུའུ་བཅུ་ཡན་བཟུང་སྤྱོད་བྱས་རིགས་ཞེས་པ་དེ་རྨོ་ཞིང་འབོར་ཆེན་གཏོར་བརླག་བཏང་བའི་གནས་ཚུལ་གྱི་ཁོངས་སུ་གཏོགས།
(三)积极举报违法行为,共同守护耕地安全
( ༣ )ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་ཧུར་ཐག་བྱས་ནས་མཉམ་དུ་རྨོ་ཞིང་གི་བདེ་འཇགས་སྲུང་སྐྱོང་བྱ་དགོས།
保护耕地人人有责,耕地整治恢复工作需要你的理解支持和配合,让我们共同努力携手守护好粮食安全生命线,共同创建和谐幸福美丽家园!
རྨོ་ཞིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་དེ་མི་ཚང་མར་ཡོད། རྨོ་ཞིང་བཅོས་སྐྱོང་སླར་གསོའི་ལས་དོན་ལ་ཁྱེད་ཀྱིས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་དགོས་པ་དང་། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་སྲོག་རྩ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཐུན་མོང་ཐོག་ཞི་མཐུན་དང་། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས།
囊谦县自然资源和林草局
ནང་ཆེན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་རྩྭ་ཅུས།